12445

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟངས་འཛིན
Tibetan Definition 2 སྐྱོང་བ་དང་གྲོགས་བྱེད་པའི་དོན། རྗེ་ཙོང་ཁ་པ་ཆེན་པོའི་གསུང་ཐོར་བུ་༢༠༧ན༡ལས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟེན་དགོས་ཏེ། འདི་ནི་འཆི་བདག་གམ། དགེ་སྡིག་གི་དཔང་པོའམ། སྡིག་པ་ཅན་གྱི་ཆད་ལས་མཁན། དགེ་བ་ཅན་གྱི་སྟངས་འཛིན་པའམ། ལས་རྒྱུ་འབྲས་གསལ་བྱེད་ཀྱི་མེ་ལོང་། ལེགས་ཉེས་ཚུལ་བཞིན་དུ་སྤྱོད་པའམ་ཆོས་བཞིན་དུ་སྤྱོད་པས་ཆོས་རྒྱལ་ཞེས་བྱ་ཞིང་། ཞེས་དགེ་བ་ཅན་གྱི་སྟངས་འཛིན་པའམ། ཞེས་གསུངས་པས་ཤེས་སོ། །མངོན་རྟོགས་རྒྱན་ལས། བསྟང་བས་ཡོངས་སུ་མ་བཟུང་དང༌། །ཞེས་གསུངས་པ་དང་ཕྱོགས་གཅིག་པའོ། །