12448

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟན་དཀར་རྡོ་རྗེ
Tibetan Definition འགའ་ཞིག་གིས་རྟེན་ཁེབས་རྡོ་རྗེ་ཟེར། རྡོར་གདན་ཡང་ཟེར། དེ་ནི་བཞུགས་ཁྲིའི་མདུན་ངོས་སུ་འགྲེམ་རྒྱུའི་སྣ་ཚོགས་རྡོ་རྗེའི་རི་མོ་ཅན་གྱི་རས་ལྷེབ་དཀར་པོ་གྲུ་བཞི་འོག་ཏུ་ཁ་དོག་སྣ་ལྔའི་སྐུད་འཛར་ཡོད་པ་དེ་ལ་ཟེར། འདི་ནི་མཁས་པ་འགའ་རེས་འདུས་པར་རྡོ་རྗེ་རེ་ཁས་སྤྲས་པའི་ཁྲི་ཞེས་པ་དེ་ཡིན་ཁུལ་ཡིན་འདྲ་ཞེས་གསུང་ངོ༌། །ངོ་བོའི་བསམ་ཚོད་བྱས་ན་ཕལ་ཆེར་གཞལ་ཡས་ཁང་གི་གདན་གྱི་ཚུལ་དུ། སྣ་ཚོགས་པད་མ་དང༌། སྣ་ཚོགས་རྡོ་རྗེ་ཡོད་པ་ལྟར་འདིར་ཡང་དེའི་མཚོན་དོན་ཡིན་པ་འདྲ། དེ་ཡང་སྣ་ཚོགས་པད་མས་འཁོར་བའི་ཉེས་པས་མ་གོས་པ་དང༌། རྫོགས་རིམ་གྱི་སྐབས་སུ་གང་ལ་གནད་དུ་བསྣུན་པའི་རྡོ་རྗེའི་ལུས་ཀྱི་རྩ་འཁོར་རྣམས་མཚོན་པ་དང༌། སྣ་ཚོགས་རྡོ་རྗེས་ཡེ་ཤེས་ལྔ་མཚོན་ཞིང་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་གཙོ་བོའི་ཡེ་ཤེས་ལྔའི་རྣམ་རོལ་དུ་འཆར་བར་བྱེད་པའི་ཆེད་དང༌། རྫོགས་རིམ་གྱི་སྐབས་སུ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ནས་བསྒོམས་པས། ལམ་དང་འབྲས་བུའི་ཡེ་ཤེས་ལྔ་ལ་སོགས་པའི་ཡོན་ཏན་འགྲུབ་པའི་དགོས་པ་ཡོད་པར་མཚོན་པའི་ཆེད་དུ་ཡིན་སྙམ།