12458

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང
Tibetan Definition 3 སྲོག་རིན། སྲོག་ཚབ། མི་བསད་པའི་སྲོག་ཚབ་བམ་སྲིན་རིན་གྱི་མིང་། ཡོངས་གྲགས་སུ་འདི་ལ་མི་སྟོང་ཟེར། གནའ་བོ་ཁྲིམས་ལུགས་ལ་མི་བསད་ན་སྲོག་རིན་གསེར་སྲང་སྟོང་ཕྲག་རེ་འཇལ་དགོས་པས་སྟོང་ཟེར་བ་ཡིན་འདུག དཔེར་ན་སྟོང་འཇལ་ཞེས་པ་ལྟ་བུ། འདི་བོད་བཙན་པོའི་སྐབས་ཀྱི་ཡིག་རྙིང་རྣམས་སུའང་གསལ། ཏུན་ཧོང་ནས་ཐོན་པའི་ཞལ་ལྕེའི་སྐོར་གྱི་ཡིག་རྙིང་ལས། ཁོང་ཏ་ངོ་བོ་དང་། ཁོང་ཏའྀ་མྱེས་པོ་དང་ཕ་དང་འདི་རྣམས། མདའ་དརྡུལ་པ་ལའ། སྟོང་མཉམ་མོ། །ཞེས་གསུངས་པ་ལྟ་བུ། གོང་གི་ཡིག་རྙིང་དེའི་དོན་ནི། ཁོང་རང་དངོས་སམ། ཡང་ན་ཁོང་རང་གི་མྱེས་པོའམ་ཕ་དང་བཅས་པ་འདི་རྣམས། མདས་བསྣུན་ཏེ་བསད་ན། མི་སྟོང་ངམ་སྲིན་རིན་མཉམ་མོ། །ཞེས་པའི་དོན་ཡིན་པར་སེམས།