12463

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་གཟུགས
Tibetan Definition (དུས་འཁོར) དགག་བྱ་རྡུལ་ཕྲ་རབ་ཀྱིས་སྟོང་པའི་གཟུགས། མེ་ལོང་ནང་གི་གཟུགས་བརྙན་དང༌། ལྷ་ཡི་སྐུ་ལྟ་བུའོ། །པྲ་ཕབ་པའི་རང་བཞིན་ཅན་ནོ། །ཞེས་པ་དང་དོན་གཅིག པྲ་ཕབ་པའི་ཚེ་མེ་ལོང་གི་ནང་དུ་ཤར་བའི་སྣོད་བཅུད་ཀྱི་སྣང་བ་དེ་དག་རྡུལ་ཕྲ་རབ་བསགས་པའི་གཟུགས་སུ་མ་གྲུབ་པ་ལྟར་སྟོང་གཟུགས་ཀྱང་ཚུལ་དེ་ལྟ་བུ་ཡིན་ཞེས་པའོ། །སྒྱུ་ལུས་དང་དོན་འདྲ་བར་སེམས་ཏེ། རྗེའི་གསུང་ཟིན་བྲིས་གསང་འདུས་ཡིག་ཆུང་ཉེར་གཅིག་ལས། འདིར་རྫོགས་རིམ་གྱི་དམིགས་པ་ཕལ་ཆེར་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་བསྐྱེད་པ་དང༌། དེ་ལ་བརྟེན་ནས་སྒྱུ་ལུས་དང༌། སྐབས་གཞན་དུ་སྟོང་གཟུགས་ཀྱི་སྐུ་བསྒྲུབ་པའི་ཕྱིར་ཡིན་ལ། ཞེས་གསུངས་སོ། །