12465

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་གཟུགས་ཕྱག་རྒྱ་ཆེན་པོ
Tibetan Definition (དུས་འཁོར) རྡུལ་ཕྲ་རབ་འདུས་པ་ལས་འདས་པས་བེམ་པོའི་སྐུ་ཡང་མ་ཡིན། བསྐྱེད་རིམ་གྱི་དཀྱིལ་འཁོར་ལ་སོགས་པ་ལྟ་བུ་དངོས་གནས་ལ་མ་གྲུབ་པར་རྣམ་པར་རྟོག་པས་བརྟགས་ནས་བསྒོམ་པའི་གོམས་པ་ཙམ་གྱིས་ཡིད་ངོར་ཤར་བའི་ལྷའི་སྐུ་དང་བྲལ་བ་སྟེ། དེ་འདྲའི་སྐུ་ལས་འདས་པ་དང་དངོས་གནས་ལ་སྟོང་གཟུགས་ཀྱི་སྐུར་གྲུབ་པའི་ཕྱག་རྒྱ་ཆེན་པོའོ། །ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པའི་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་ན་གསལ།