12480

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་ཉིད་བསྒོམས་པ་གནད་དུ་སོང་མ་སོང་བརྟག་ཚུལ
Tibetan Definition (དབུ་མ) སྐབས་རེར་རང་གིས་བསྒོམ་པའི་སྟོང་ཉིད་དེ་སྟོང་ཉིད་ངོ་མ་ཞིག་ཡིན་མིན་ཐེ་ཚོམ་ཟོས་ན། ཇི་ལྟར་བྱ་བ་ནི། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༣༧༩ལས། དཔེར་ན་མི་གཅིག་གིས། སྔར་ཟས་ཟ་མ་མྱོང་བ་ཅིག་ཟོས་ན། ཟས་དེ་སྨན་དུ་སོང་ངམ་དུག་ཏུ་སོང་ཟོས་པའི་རྗེས་ལ་མངོན། དཔེ་དེ་བཞིན་དུ། སྔར་སྒོམ་མ་མྱོང་བ་དེས་སྟོང་ཉིད་བསྒོམས་པས་སྟོང་པ་ཉིད་ལམ་དུ་སོང་ངམ། ལོག་ལྟར་སོང༌། རྟགས་རྗེས་ཐོབ་ལ་མངོན་ཏེ། འཇིག་རྟེན་ཆོས་བརྒྱད་སྒྱུ་མར་ཤེས་ཤིང༌། ཉོན་མོངས་པ་ཆུང་དུ་སོང་ན་མ་ནོར་བ་ཡིན། ཞེས་སོགས་གསུངས་པ་ལྟར། ལྟ་བ་བསྒོམས་པས་ཉོན་མོངས་པ་ཇེ་ཆུང་དུ་སོང་ན་ལྟ་བ་རྣམ་དག་ཡིན་པའི་རྟགས་སོ། །