1249

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་སྟོང་པའོ་སྟོང་པ་ཉིད་གཟུགས་སོ
Tibetan Definition གཟུགས་རང་གི་ངོ་བོས་གྲུབ་པས་སྟོང་པ་ཡིན། དེ་ལྟ་བུའི་སྟོང་ཙམ་དེ་རང་ལ་གཟུགས་སུ་བཏགས་པ་ཡིན་གྱི་དེ་ལས་ལོགས་སུ་གཟུགས་ཞེས་པ་ཞིག་མེད། ཅེས་པའི་དོན་ཡིན་ཏེ། རྒྱལ་ཚབ་ཆོས་རྗེའི་བདེན་གཉིས་ཀྱི་རྣམ་གཞག་དང་ལྟ་བའི་ཁྲིད་ཡིག་རིན་པོ་ཆེའི་འཕྲེང་བ་ཤོག་གྲངས་༥ན༡ལས། ཤེར་ཕྱིན་གྱི་མདོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་གསུངས་པའི་དོན་གཟུགས་རང་གི་ངོ་བོས་གྲུབ་པས་སྟོང་པར་ཁོང་དུ་ཆུད་པའི་ཚེ་དེའི་བྱེད་པ་མ་ཉམས་པའི་ངང་ནས་གཟུགས་ལ་སྡོད་ལུགས་ཇི་ལྟར་ཡོད་བལྟས་པའི་ཚེ་གཟུགས་རང་གི་ངོས་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་ནས། རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་པ་གཅིག་ལ་གཟུགས་སུ་བཏགས་པར་ཟད་འདུག་སྙམ་པ་དང་། དེ་འདྲ་ཞིག་ཐ་སྙད་པའི་བློ་ལ་སྣང་བའོ་སྙམ་དུ་ཤེས་ཤིང་། བསྐྱེད་བྱ་སྐྱེད་བྱེད་ལ་སོགས་པའི་བྱ་བྱེད་ཐམས་ཅད་དེ་འདྲ་ཞིག་ཁོ་ན་ལ་བཞག་དགོས་པར་ཚད་མས་ལེགས་པར་ཁོང་དུ་ཆུད་པ་ཞིག་བྱུང་ན་དབུ་མ་ཐལ་འགྱུར་བའི་ལྟ་བ་རྟོགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བར་ཤེས་པར་བྱའོ། །དེ་ལྟར་བརྟགས་པའི་ཚེ་གཟུགས་རང་གི་ངོས་ནས་གྲུབ་པའི་བློ་རྩེ་གཏད་པ་ཞིག་བྱུང་ན། ད་དུང་སྟོང་པ་རྟེན་འབྱུང་གི་དོན་ཁོང་དུ་ཆུད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །