12490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན
Tibetan Definition 1 གྲོགས་སྙིང་རྗེ་ཆེན་པོས་ཟིན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་ཟེར། བཀའ་གདམས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་སྒྲོས་ཐོར་བུ་༢བ༦ལས། འབྲོམ་སྟོན་པས་ (ཇོ་བོ་ལ) ཆོས་ཐམས་ཅད་ཀྱི་མཐར་ཐུག་གང་ལགས་ཞུས་པས། ཆོས་ཐམས་ཅད་ཀྱི་མཐར་ཐུག་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་གསུང་། དཔེར་ན་འཇིག་རྟེན་ན་སྨན་དཔའ་བོ་ཆིག་ཐུབ་བྱ་བ་ནད་ཐམས་ཅདཀྱི་གཉེན་པོར་འགྲོ་བ་ཅིག་ཡོད་པ་ཡིན། དཔེ་དེ་བཞིན་དུ་སྨན་དཔའ་བོ་ཆིག་ཐུབ་ལྟ་བུ། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་རྟོགས་ན་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཡིན་གསུང་། ཞེས་སོགས་གསུངས་པ་ལྟར་རོ། །