12491

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན
Tibetan Definition 2 (སྔགས) སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་དང་དོན་གཅིག བདེ་སྟོང་ཟུང་འཇུག་གི་ཡེ་ཤེས། ཟུང་འཇུག་གི་སྙིང་རྗེ། མི་འགྱུར་བའི་བདེ་བ་ཆེན་པོ་རྣམས་དོན་འདྲ། སྒྲ་བཤད་ནི། སྟོང་ཉིད་ནི་ཆོས་ཀྱི་དབྱིངས་རང་བཞིན་འགྱུར་བ་མེད་པ་དང༌། སྙིང་རྗེ་ནི་འདིར་བདེ་བ་ཆེན་པོའི་མིང་སྟེ། རང་གཞན་གྱི་སྡུག་བསྔལ་འཇོམས་པའི་ཕྱིར་སྙིང་རྗེ་དང་བྱེད་ལས་མཚུངས་པས་སམ་འཛག་བདེ་འགོག་པས་དེའི་མིང་གིས་བཏགས། སྙིང་པོ་ཅན་ནི་བདག་ཉིད་ཅན། མདོར་ན། སྟོང་ཉིད་སྙིང་རྗེ་སྟེ་བདེ་བ་ཆེན་པོའི་བདག་ཉིད་ཅན་ཞེས་བྱ་བའི་དོན་ནོ། །