12502

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་པའི་ངང་ལས
Tibetan Definition གསང་སྔགས་ཀྱི་ཆོ་ག་རྣམས་སུ་སྟོང་པའི་ངང་ལས་ཞེས་མང་དུ་འབྱུང་བ་དེའི་གོ་དོན་ནི། སྟོང་ཉིད་ཀྱི་དམིགས་པ་མ་ཤོར་བའི་ངང་ནས་རང་ཉིད་ཡི་དམ་གྱི་ལྷའི་སྐུར་ལངས་དགོས་པའི་དོན་ཏེ། དཔེར་ན་ཤེལ་གོང་ཤིན་ཏུ་དྭངས་པ་ལ་རས་ཁ་དོག་སྣ་ཚོགས་པས་ཉེ་བ་ན། ཤེལ་དེའི་དྭངས་ཆ་མ་ཤོར་བའི་ངང་ནས་རས་དེའི་གཟུགས་སྣ་ཚོགས་པ་ཤེལ་དེའི་ནང་དུ་འཆར་བ་བཞིན་དུ་རང་གི་སེམས་སྟོང་ཉིད་དང་གཉིས་སྣང་ཕྲ་མོས་ཀྱང་མ་ཆོད་པར་སྟོང་སྙམ་པའི་འཛིན་སྟངས་ཤུགས་དྲག་དེ་མ་ཤོར་བའི་ངང་ནས། རང་ཉིད་ཞལ་གསུམ་ཕྱག་དྲུག་པའི་རྣམ་པ་ཅན་ལ་སོགས་པའི་ལྷའི་སྐུར་བསྒོམ་དགོས་པ་ཡིན་ཞེས་པའི་བརྡའོ། །རྗེའི་གསུང་བྲིས་ལ་གཞི་བྱས།