12512

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་བདག་མེད་གཉིས
Tibetan Definition (ཐལ་འགྱུར་བ) བདེན་བཞིའི་རྣམ་པ་བཅུ་དྲུག་གི་སྟོང་པ་དང་བདག་མེད་གཉིས་ནི། ཕྱི་རོལ་པས་ཀུན་བཏགས་པའི་བདག་ཙམ་བཀག་པའི་སྟོང་པ་དང་བདག་མེད་ལ་ཟེར་ཏེ། རྗེའི་སྔགས་རིམ་ཆེན་མོ་ལས། རྣམ་པ་བཅུ་དྲུག་གི་སྐབས་ཀྱི་སྟོང་པ་དང་བདག་མེད་རྟོགས་པ་ནི་ཕྱི་རོལ་པས་ཀུན་བཏགས་པའི་བདག་ཙམ་ཞིག་མེད་པར་ངེས་པ་ཡིན་པས། གང་ཟག་རང་གི་མཚན་ཉིད་གྲུབ་པར་འཛིན་པའི་ལྷན་སྐྱེས་ཀྱི་གཉེན་པོར་མི་རུང་ངོ༌། །དེའི་ཕྱིར་མི་རྟག་སོགས་བཅུ་དྲུག་པོའི་ལམ་ཐམས་ཅད་ཀྱང་གྲོལ་ལམ་མིན་པར་རྒྱུད་སྦྱོང་བྱེད་ཙམ་དུ་མཚུངས་སོ། །ཞེས་གསུངས་སོ། །གོང་དུ་བཤད་པ་དེ་ནི་དབུ་མ་ཐལ་འགྱུར་བའི་ལུགས་ལྟར་ཡིན་ལ། འདི་ལ་གྲུབ་མཐའ་སོ་སོའི་ཐུན་མོང་མ་ཡིན་པའི་འཇོག་ཚུལ་ཡོད་པར་ཡང་ཤེས་པར་བྱའོ། །