12515

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་ར་བསྒོམ་པ
Tibetan Definition རང་ཡི་དམ་དུ་གསལ་བཏབ་པའི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཕྲུ་མ་ཕུས་བཏབ་པ་ལྟར་སྟོང་སང་ངེ་བ་ལ་དམིགས་པ་གཏད་ནས། དེ་ལ་སེམས་བརྟན་བརྟན་དུ་བསྒོམ་པ་དེ་ཡིན། སྟོང་ར་འདི་ལུས་ཐོགས་རྡུགས་མེད་པའི་འཇའ་ཚོན་བཞིན་དུ་ཡིད་ངོར་སྒོམ་པ་ཡིན་གྱི་འདིས་དངོས་སུ་ལུས་དེ་ལྟར་བྱར་མི་ནུས་ཀྱང༌། དམིགས་པ་དེ་ལ་སེམས་བརྟན་ན། རྩ་རླུང་དྲག་པོ་སྒོམ་པ་ལ་རྩ་ཟུག་དང་རླུང་ཟུག་དྲག་པོ་མི་འབྱུང་བ་དང༌། གལ་ཏེ་བྱུང་ཡང་དམིགས་པ་དེ་བསྒོམས་པས་ཞི་བར་བྱེད་ནུས་པ་ལ། ཁྱད་ཆེ་བས་སྒོམ་པ་ཡིན་པར་རྗེའི་ཆོས་དྲུག་གི་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་ལས་གསུངས་པ་ལྟར་རོ། །ཕྲུ་མ་ནི་བུ་སྣོད་དམ། ཡུལ་སྐད་ལ་ཤ་མ་ཟེར་བ་དེའོ། །