12530

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོན་པ་འདས་ལོ
Tibetan Definition དེ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ལོ་དེ་ནས་བརྩིས་པ་ཡིན་ལ། སྟོན་པ་མྱ་ངན་ལས་འདས་པའི་ལོ་ནི་ཕྱི་ལོའི་སྔོན་གྱི་ལོ་ (༥༤༤) ལ་ཡིན་ཞིང་། སྟོན་པའི་འདས་ལོ་བརྩི་ཚུལ་ནི། ཕྱི་ལོའི་ལོ་རབས་གང་ཡིན་གྱི་སྟེང་དུ་སྟོན་པ་འདས་ལོ་༥༤༤བསྣན་ན། སྟོན་པ་འདས་ལོ་ཆགས་འགྲོ་བ་རེད། དཔེར་ན། ༢༠༡༠+༥༤༤=༢༥༥༤ ཡིན་པ་ལྟ་བུའོ། །མདོར་ན་ཕྱི་ལོའི་སྟེང་དུ་༥༤༤བསྣན་ན། སྟོན་པ་འདས་ལོ་དང་། ཕྱི་ལོའི་སྟེང་དུ་ལོ་༡༢༧བསྣན་ན། བོད་རྒྱལ་ལོར་གྱུར་པ་ཡིན་ནོ། །དེའི་ཁུངས་ནི་མཁས་དབང་དགེ་འདུན་ཆོས་འཕེལ་དེབ་དཀར་ལྟར་ན་སྟོན་པ་འདས་ལོ་ཕྱི་ལོའི་སྔོན་གྱི་ལོ་རབས་༥༤༤ལ་བརྩིས་ཡོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ་༤༤ལས། ད་ལྟའི་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་ (1946) འདི་སངས་རྒྱས་འདས་ནས་ཉིས་སྟོང་དང་བཞི་བརྒྱ་དགུ་བཅུ་པ་ཡིན་ལ། ཞེས་གསུངས། དེ་ལྟར་ན་༢༠༡༠+༥༤༤=༢༥༥༤ ཏག་ཏག་སླེབས་ཀྱི་ཡོད། ཡང་ཅུང་ཟད་མི་མཐུན་པ་ཞིག་ལ། དགེ་ཆོས་ལགས་ཀྱི་སིངྒ་ལའི་ལོ་རྒྱུས་ལྟར་ན་༥༤༢ལ་གསུངས་ཡོད། དེ་གཉིས་ལ་རིང་ཐུང་ཕྲན་བུའི་འདུག སིངྒ་ལའི་ལོ་རྒྱུས་༥༠ལས། ད་ལྟ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ (1944) འདི་བར་སྟོན་པ་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་གྱ་དྲུག་༢༤༨༦སོང་། ཞེས་གསུངས།༢༠༡༠+༥༤༢=༢༥༥༢ སླེབས་ཀྱི་ཡོད། གོང་དེ་གཉིས་ཡི་གེ་དག་མ་དག་སོགས་ཅུང་ཟད་དཔྱད་དགོས་སོ། །དགེ་འདུན་ཆོས་འཕེལ་མེད་ན་བོད་ཀྱི་མཁས་པ་ཚོས་སྟོན་པའི་འདས་ལོའི་སྐོར་ལ་དགུ་ཐུག་ཤ་སྟག་བསྐོལ་ནས་བཞུགས་འདུག་གོ།