12532

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོན་པ་ཤཱཀྱ་ཐུབ་པ
Tibetan Definition བདག་ཅག་གི་སྟོན་པ་བཅོམ་ལྡན་འདས། བཙོ་མའི་གསེར་མདོག་ས་གནོན་མཉམ་བཞག་མཛད། །མཚན་དཔེས་བརྒྱན་ཅིང་ཆོས་གོས་རྣམ་གསུམ་གསོལ། །པད་ཟླར་རྡོ་རྗེ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །བཅོམ་ལྡན་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ། །སྙིང་པོ། ༀ་མུ་ནེ་མུ་ནེ་མཧཱ་མུ་ནེ་ཡེ་སཱྭཧཱ། ཞེས་སོ། །སྒྲ་བཤད་ནི། སྔོན་རྒྱལ་བུ་གཞོན་ནུ་དོན་གྲུབ་ལུམྦི་ནིའི་ཚལ་དུ་སྐུ་བལྟམས་ཏེ། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་ཁྱོགས་ཀྱི་སྟེང་དུ་བཞུགས་སུ་གསོལ་ནས། སྐྱེ་བོ་མང་པོ་དང་ལྷན་ཅིག་གྲོང་ཁྱེར་སེར་སྐྱར་གཤེགས་པ་ན། རིགས་ཀྱིས་དྲེགས་པའི་ང་རྒྱལ་ཅན་ཤཱཀྱ་རྣམས་ཐུབ་པའམ་དུལ་བ་བཞིན་དུ་གྱུར་པ་ན། རྒྱལ་པོ་ཟས་གཙང་མས་གཞོན་ནུ་འདི་ཤཱཀྱ་རྣམས་ཐུབ་པས་ན། ཤཱཀྱ་ཐུབ་པ་ཞེས་མཚན་གསོལ། སྟོན་པའི་རྣམ་ཐར་སྐོར། རྒྱ་ཆེར་རོལ་པའི་མདོ་དང༌། མངོན་འབྱུང་གི་མདོ། འདུལ་བ་ལུང་བཅས་ན་ཡོད།