12533

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར
Tibetan Definition (འདུལ་བ) ༡ འདུལ་བ་ལུང་གཞི་དང་། (འདུལ་བ་ལུང་གཞི་པོད་༼ ག་པའི ༽མཇུག་དང་པོད་༼ ང་པར ༽བཞུགས་སོ) ༢ རྒྱ་ཆེར་རོལ་པའི་མདོ་དང༌། ༣ མངོན་འབྱུང་གི་མདོ་གསུམ་པོ་འདིས་སྟོན་པའི་རྣམ་ཐར་རྒྱས་པར་གསུངས་སོ། །མངོན་པར་འབྱུང་བའི་མདོ་ལ་ལེགས་སྦྱར་གྱི་སྐད་དུ་ཨབྷི་ནིཥྐྲ་མཎ་སཱུཏྲ་ཟེར་ཞིང་། བོད་སྐད་དུ། འདི་སྡེ་དགེ་སྤར་མའི་མདོ་སྡེ་༼ ས ༽པའི་ནང་བཞུགས། འདི་ལ་ཤོག་ལྡེབས་སམ་ཤོག་ལྷེ་༡༢༥ དང་། ངོས་ཤོག་༢༤༩ཡོད། འདི་ལུང་གཞི་ལས་ཚིག་ཚོགས་ཆུང་བ་ཙམ་ལས་དོན་ལས་ཁྱད་པར་མེད་ལ། ཕལ་ཆེར་ལུང་གཞིའི་རྣམ་ཐར་ཉིད་བསྡུས་སུ་བཏང་བ་ལྟ་བུ་ཞིག་ཏུ་སྣང་ངོ་། །རྒྱ་ཆེར་རོལ་པའི་མདོ་ནི་མདོ་དེ་གཉིས་དང་མི་འདྲ་བའི་ཁྱད་པར་མང་དུ་ཡོད་དོ། །