12539

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོན་མིན
Tibetan Definition (རྒྱའི་སྐད) 1 སྟོན་མིན་ཞེས་པ་རྒྱ་ནག་གི་སྐད་དེ། རིམ་གྱིས་པ་དང་རིམ་ཅན་པའི་དོན་དུ་བཤད། བེའུ་བུམ་སྔོན་པོའི་འགྲེལ་པ་ལས། སྟོན་མིན་ལུགས་ཀྱང་འཕགས་པ་འོད་སྲུང་། དེ་ནས་བརྒྱུད་པ་མན་ཆད་ཡིན་ཏེ། ཞེས་དང་། སྟོན་མིན་ཅིག་ཅར་འཇུག་པ་དང་། ཞེས་པ་ལྟ་བུའོ། །རྒྱའི་སྐད་ལ། སྟོན་མིན་ཞེས་པ་ཅིག་ཅར་བ་དང་། ཙེན་མིན་ཞེས་པ་རིམ་གྱིས་པའི་དོན་དུ་བཤད། 2 (རྒྱའི་སྐད) སྔར་ཁྲི་སྲོང་ལྡེ་བཙན་སྐབས་ཧྭ་ཤང་མཧཱ་ཡ་ནས་བོད་དུ་སྤེལ་བའི་སངས་རྒྱས་གྲུབ་མཐའ་ཞིག་གི་མིང་དུ། བོད་རྒྱ་ཚིག་མཛོད་ཆེན་མོར་གསུངས།