From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྟོབས་བཅུ
|
Tibetan Definition
|
ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་དགུའི་ཡ་གྱལ་ཏེ། སྟོབས་བཅུ་ཡོད་དེ། གནས་དང་གནས་མིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མིན་པ་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས། སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་དྲན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སུ་ཡོད་པའི་ཕྱིར། སོ་སོའི་འགྲེལ་བཤད་ནི། དགེ་མི་དགེའི་ལས་ལས་འབྲས་བུ་བདེ་སྡུག་འབྱུང་བ་གནས་དང་དེ་ལས་ལྡོག་པ་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་འབྲས་ཕྲ་ཞིང་ཕྲ་བ་མ་ལུས་པ་མངོན་སུམ་དུ་རྟོགས་པ་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་དང༌། མངོན་མཐོ་ལ་མོས་པ་དང༌། ཐེག་པ་གསུམ་གྱི་ལམ་ལ་མོས་པ་སྣ་ཚོགས་མཁྱེན་པ་དང༌། འཇིག་རྟེན་གྱི་ཁམས་ཀྱི་རང་བཞིན་དུ་གནས་པ་དང༌། བསྒྲུབ་པ་ལས་གྱུར་པའི་རིགས་དུ་མ་མཁྱེན་པ་དང༌། དད་སོགས་ཀྱི་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། བསོད་ནམས་དང་མི་གཡོ་བའི་ལས་སོགས་མངོན་མཐོ་དང༌། ཐེག་པ་གསུམ་ལ་སོགས་པ་ངེས་ལེགས་ཐམས་ཅད་དུ་འགྲོ་བའི་ལམ་དང༌། དེ་ལས་ལྡོག་པ་ལ་ཆགས་ཐོགས་མེད་པར་འཇུག་པའི་མཁྱེན་པ་དང༌། བསམ་གཏན་དང་རྣམ་ཐར་སོགས་ལ་སྙོམས་འཇུག་གི་སྒྲིབ་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་ལས་ངེས་པར་འབྱུང་བ་ལ་ཆགས་ཐོགས་མེད་པའི་མཁྱེན་པ་དང༌། རང་དང་གཞན་གྱི་སྔོན་གྱི་གནས་ཚེ་རབས་སྔ་མ་མཐའ་དག་རྗེས་སུ་དྲན་པ་དང༌། སེམས་ཅན་མཐའ་དག་གི་སྐྱེ་གནས་མ་འོངས་པར་འཇུག་པའི་འཆི་འཕོ་དང་སྐྱེ་བ་མཁྱེན་པ་དང༌། ཉན་རང་རྣམས་ཀྱི་ཉོན་སྒྲིབ་ཟད་པ་དང༌། སངས་རྒྱས་རྣམས་ཀྱི་དྲི་མ་མཐའ་དག་ཟད་པའི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་རྣམ་པ་བཅུའོ། །
|