12545

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོབས་བཞི་ལས་སྐྱེ་ཚུལ
Tibetan Definition རང་སྟོབས། གཞན་སྟོབས། རྒྱུའི་སྟོབས། སྦྱོར་བའི་སྟོབས་དང་བཞི་ལས་སྐྱེ་ཚུལ་ཏེ། རང་གི་མཐུས་རྫོགས་བྱང་འདོད་པ་རང་གི་སྟོབས། གཞན་གྱི་མཐུས་རྫོགས་བྱང་འདོད་པ་གཞན་གྱི་སྟོབས། སྔོན་ཐེག་ཆེན་ལ་གོམས་པས་སངས་རྒྱས་དང་བྱང་སེམས་ཀྱི་བསྔགས་པ་ཐོས་པ་ཙམ་གྱིས་སྐྱེ་བ་རྒྱུའི་སྟོབས། ཚེ་འདིར་སྐྱེས་བུ་དམ་པ་བསྟེན་ཅིང་ཆོས་ལ་ཐོས་བསམ་སོགས་ཀྱི་དགེ་བ་ལ་རིང་དུ་གོམས་པ་སྦྱོར་བའི་སྟོབས་དང་བཞི་ལས་སེམས་བསྐྱེད་པ་བཞིའོ། །དེ་ནི་ལམ་རིམ་དུ་བྱང་ཆུབ་ཀྱི་སེམས་སྐྱེ་ཚུལ་ལ། རྐྱེན་བཞི་ལས་སྐྱེ་ཚུལ། རྒྱུ་བཞི་ལས་སྐྱེ་ཚུལ། སྟོབས་བཞི་ལས་སྐྱེ་ཚུལ་དང་གསུམ་གསུངས་པའི་ཡ་གྱལ་ལོ། །