12547

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོབས་ལྔ
Tibetan Definition 1 བྱང་ཕྱོགས་སྡེ་ཚན་བདུན་གྱི་ལྔ་པ་སྟོབས་ལྔ་ནི། དད་པའི་སྟོབས། (བདེན་བཞི་ལ་ཡིད་ཆེས་པའི་དད་པ) བརྩོན་འགྲུས་ཀྱི་སྟོབས། (བླང་དོར་བྱེད་པར་སྤྲོ་བའི་བརྩོན་འགྲུས) དྲན་པའི་སྟོབས། (དམིགས་རྣམ་མི་བརྗེད་པའི་དྲན་པ) ཏིང་ངེ་འཛིན་གྱི་སྟོབས། (སེམས་རྩེ་གཅིག་པའི་ཏིང་ངེ་འཛིན) ཤེས་རབ་ཀྱི་སྟོབས། (བདེན་པའི་གནས་ལུགས་འབྱེད་པའི་ཤེས་རབ) དང་ལྔའོ། །བྱང་ཕྱོགས་སྡེ་ཚན་བདུན་གྱི་སྟོབས་ཀྱི་ངོ་བོ་ནི། རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པའི་མཁྱེན་པའོ། །སྒྲ་བཤད་ཀྱང་དེས་ཤེས་སོ། །དབང་སྟོབས་གཉིས་ཀྱི་ཁྱད་པར་ནི། རྣམ་བྱང་གི་དབང་པོ་མ་དད་པ་དང༌། ལེ་ལོ། བརྗེད་ངས། རྣམ་གཡེང༌། ཤེས་བཞིན་མ་ཡིན་པ་རྣམས་སྐབས་སྐབས་སུ་འབྱུང་བས་མི་མཐུན་ཕྱོགས་ཀྱི་རྫི་བའི་ཕྱིར་ནུས་པ་ཆུང་ལ། སྟོབས་ནི་མི་མཐུན་ཕྱོགས་ཀྱིས་ནམ་ཡང་བརྫི་བར་མི་ནུས་པའི་ཕྱིར་རོ། །