12553

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡིག་ཏོ
Tibetan Definition 1 སྡིག་པ། མི་དགེ་བ། སྡིག་ཏོ་ཞེས་པ་ནི་སྨད་པར་བྱ་བ་དང་གནོད་པར་འགྱུར་བའི་རང་བཞིན་ཡིན་པས་ན་སྡིག་ཏོ་ཞེས་བྱ་སྟེ། འབུམ་ཉི་ཁྲི་ཁྲི་བརྒྱད་སྟོང་པ་གསུམ་གྱི་འགྲེལ་པ་ལས། སྨད་པར་བྱ་བ་ཡིན་པ་དང༌། གནོད་པར་འགྱུར་བའི་ཕྱིར་སྡིག་ཏོ་དང་འདྲ་བས་ན་སྡིག་པའོ། །ཞེས་གསུངས་སོ། །གཞན་ཡང་། ལུང་གཞི་རྒྱ་ཆེར་འགྲེལ་པ་ལས། ཡང་སྡིག་ཏོའི་ལས་དང༌། སྡིག་ཏོ་དང་ཉེ་བའི་ལས་ཏེ་དེ་ལ་སྡིག་ཏོའི་ལས་ནི་འདི་ལྟ་སྟེ། བྲམ་ཟེ་གསོད་པ་དང༌། བ་ལང་གསོད་པ་དང༌། གསེར་རྐུ་བ་དང༌། བླ་མའི་ཆུང་མའི་གན་དུ་འགྲོ་བ་དང༌། ཆང་འཐུང་བ་སྟེ་དེ་ནི་ལས་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །