12559

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡིག་པ་ཅན་གྱི་སྐྱེ་བོས་དབེན་པས་ས་ཕྱོགས
Tibetan Definition (ཕར་ཕྱིན) སེམས་བསྐྱེད་ཆོ་གའི་སྒོ་ནས་ལེན་པའི་གནས་དེ། རྒྱལ་བའི་བསྟན་པ་ལ་མི་དད་པའི་མུ་སྟེགས་ཅན་དང་། ལས་འབྲས་ལ་སྐུར་བ་འདེབས་པའི་ལོག་ལྟ་ཅན་དང་། ཁྱད་པར་བྱང་ཆུབ་ལམ་གྱི་རིམ་པ་ལ་མི་མོས་པར་ཁྱད་གསོད་བྱེད་པའི་སྐྱེ་བོ་ལ་སྡིག་པ་ཅན་གྱི་སྐྱེ་བོ་ཞེས་བྱ་ལ། དེ་ལྟ་བུ་མེད་པའི་གནས་ལ་ཟེར་རོ། །རྗེའི་ལམ་རིམ་ལས་ཀྱང་། སྡིག་པ་ཅན་གྱི་སྐྱེ་བོས་དབེན་པའི་ས་ཕྱོགས་སུ་ས་གཞི་ལེགས་པར་བྱས་ཤིང་གཙང་བ་དེར། ཞེས་གསུངས་སོ། །