12576

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡུ་བུ
Tibetan Definition (འདུལ་བ) ཐག་པ་ལ་བརྒྱུས་པའི་ཤིང་གི་འཁོར་ལོ་སྦུབས་ཅན་དགེ་སློང་རྣམས་ཕན་ཚུན་འཆག་དུས་མི་འཁྱོར་བའི་ཆེད་དུ་འཇུ་སའི་ལག་རྟེན་ཞིག་གི་མིང་། ལུང་ཞུ་བ་༼ པ ༽༣༠༧བ ༥ལས། འཆག་པའི་བྱ་བ་གང་ཞེ་ན། ཞེས་སོགས་ནས། ཕན་ཚུན་དུ་མི་འཁྱོར་བར་བྱ། དྲང་པོར་འཆག་པར་བྱ། དེ་སྟེ་དྲང་པོར་འཆག་མི་ནུས་ན་སྲད་བུ་བྲེ་བར་བྱ། སྲད་བུ་བྲེས་པ་ལ་སྡུ་བུ་བཅུག་ནས་དེ་ལ་འཇུ་ཞིང་འཆག་པར་བྱ་སྟེ། ཞེས་གསུངས་པ་ལྟར་རོ། །དཔྱད།