12579

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡུག་བསྔལ
Tibetan Definition (ཕར་ཕྱིན) <དུཿཁ> ཚོར་བ་གདུང་བ། སྒྲ་བཤད་ནི། སྡུག་ནི་ཡིད་ལ་སྡུག་པ། བསྔལ་ནི་ངལ་བ་དང་འགབ་པའི་དོན་ཏེ། ལུས་དང་སེམས་བདེ་བར་གནས་པ་ནི་ཡིད་ལ་སྡུག་པ་ཡིན་ལ། དེ་ངལ་བའམ་འགབ་པ་ནི་ནུས་པ་ཉམས་ཏེ་མི་མངོན་པར་གྱུར་པ་སྟེ། གདུང་བ་མངོན་དུ་གྱུར་པའི་དོན་ཡིན་པར་མཁས་པ་འགའ་གསུང༌། བྲ་ཏི་དགེ་བཤེས་རིན་ཆེན་གྲུབ་ཀྱི་བསྟན་འབར་མའི་རྣམ་བཤད་ལས་ཀྱང་དེ་དང་འདྲ་བར་གསུང་ངོ༌། །ཡང་ན་རྗེ་གུང་ཐང་པས། སྡུག་ནི་གདུང་བ། བསྔལ་ཞེས་པ་གདུང་བ་དེ་ཉིད་ཀྱིས་བཅོམ་ཞིང་ཉམ་ཐག་པར་བྱས་པ་ལ་སྦྱར་ན་རྒྱ་སྐད་ཀྱི་ངེས་ཚིག་དང་ཡང་མཐུན་པས་ལེགས་སམ་སྙམ་སྟེ་དཔྱད་པར་བྱའོ་གསུངས། དུཿཁའི་ངེས་ཚིག་གི་སྐོར་རྒྱས་པ་རྗེ་གུང་ཐང་པའི་བསྟན་འབར་མའི་རྣམ་བཤད་དུ་བལྟ་བར་བྱའོ། །ཁོ་བོ་ནི་འདི་ལྟར་འདོད་དེ། སྡུག་ནི་གདུང་བ། བསྔལ་ནི་ངལ་བ་སྟེ་དུབ་པའམ་མནར་བའི་དོན་ཡིན་པས། གདུང་བས་དུབ་ཅིང་མནར་བས་ན་དེ་སྐད་ཅེས་བྱའོ། །