12583

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡུག་བསྔལ་བ
Tibetan Definition (ཕར་ཕྱིན) སྡུག་བསྔལ་གྱིས་མནར་བ། སྡུག་བསྔལ་དང་ལྡན་པ། ལས་ཉོན་གྱིས་གཞན་དབང་ཅན། སྡུག་བསྔལ་དང་སྡུག་བསྔལ་བ་གཉིས་ཀྱི་ཁྱད་པར་ནི། སྡུག་བསྔལ་ལ་ཚོར་བ་ཡིན་དགོས། སྡུག་བསྔལ་བ་ལ་ཚོར་བ་ཡིན་མི་དགོས་པ་ནི་ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་ལྟ་བུའོ། །མི་འདོད་པ་ཁོ་ན་ཡིན་པའི་རྒྱུ་མཚན་གྱིས་སྡུག་བསྔལ་བ་ཞེས་བྱའོ། །སློབ་དཔོན་དུལ་བ་ལྷའི་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༦༨བ༧ལས། སྡུག་བསྔལ་བ་ཞེས་བྱ་བ་ནི་མི་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །