12587

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡུད་པ
Tibetan Definition 2 (ཕར་ཕྱིན) ཤིན་ཏུ་བསྡུས་པའི་ཤེར་ཕྱིན་གྱི་མདོ་སྡེའམ་ཡུམ་གྱི་མདོ་བམ་པོ་ཕྱེད་དང་གཉིས་པ་ཞིག་སྟེ། ཡུམ་སྲས་བཅུ་བདུན་གྱི་ནང་གསེས་ཀྱི་མདོ་སྡུད་པ་ཞེས་འབྱུང་བ་དེ་དང་དོན་གཅིག་ཅིང་། ཡོན་ཏན་རིན་པོ་ཆེ་སྡུད་པ་ཞེས་ཀྱང་བྱའོ། །དེ་ཉིད་ལས་ཀྱང་། མིང་ནི་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་ལམ། །ཞེས་གསུངས། མཚན་དངོས་ནི་བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ། རྒྱ་གར་སྐད་དུ། ཨཱརྱ་པྲ་ཛྙཱ་པཱ་ར་མི་ཏཱ་སཉྩ་ཡ་གཱ་ཐཱ་ཞེས་བྱའོ། །རྗེའི་ལམ་རིམ་ཆེན་མོ་ལས། རྟེན་ཡང་བསྟན་པའི་གཙོ་བོའི་སྐུ་རབ་གནས་ཅན་ཞིག་མེད་ཐབས་མེད་གླེགས་བམ་ཡང་སྡུད་པ་ཡན་ཆད་ཤེར་ཕྱིན་ལ་བྱ་གསུང་ངོ་། །ཞེས་གསུངས་པའི་སྡུད་པ་དེའོ། །སྡེ་དགེ་བཀའ་འགྱུར་ཤེར་ཕྱིན་ཤེར་ཚོགས་༼ ཀ ༽ཞེས་པའི་དབུ་ན་བཞུགས་ཤིང་དེ་ལ་ཤོག་ལྡེབ་བཅུ་དགུ་༡༩ཡོད་དོ། །སྒྲ་བཤད་ནི། འདིས་ཡུམ་འབུམ་པའི་དོན་ཐམས་ཅད་ཉེ་བར་བསྡུས་ཏེ་བསྟན་པས་ན་སྡུད་པ་ཞེས་བརྗོད་དེ། སྡུད་པའི་དཀའ་འགྲེལ་རྟོགས་སླ་ལས། ཡུམ་ཕྲག་བརྒྱ་པའི་དོན་ཐམས་ཅད་ཉེ་བར་བསྡུས་པའི་དགོས་པ་ནི་ཞེས་གསུངས་སོ། །