12589

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡུམ་པ
Tibetan Definition 1 (བྱེད་འབྲེལ་ལས་ཚིག) བསྡུམས་པ། བསྡུམ་པ། སྡུམས། མཐུན་པར་བྱེད་པ་དང་། འབྲེལ་བར་བྱེད་པ། སྦྱོར་བར་བྱེད་པ། འདུ་བར་བྱེད་པ། དེ་ཡང་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། སྡུམ་པར་བྱེད་ཅེས་བྱ་བ་ནི་འབྲེལ་པར་བྱེད་པའི་ངང་ཚུལ་ཅན་ཡིན་ནོ། །ཞེས་དང་། ཡང་དེ་ཉིད་ལས། བསྡུམ་པར་རུང་བ་ཞེས་བྱ་བ་ནི་སྦྱོར་དུ་རུང་བས་ན་བསྡུམ་དུ་རུང་བའོ། །འདུམ་པར་མི་འགྱུར་གྱི་ཞེས་བྱ་བ་ནི་དེ་ཉེས་པ་གཞན་ཡོད་པའི་ཕྱིར་འདུམ་པར་བྱ་བ་མ་ཡིན་པའོ། །ཞེས་གསུངས་སོ། །