12599

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡེ་སྣོད
Tibetan Definition (ཕར་ཕྱིན) <པི་ཊཱ་ཀ> གསུང་རབ། གོང་བུ་དང༌། བྲེ་བོ་ཆེ་ལ་འཇུག དོན་མང་པོ་འདུས་པས་བྲེ་བོ་ཆེ་ལྟ་བུ་སྟེ། བྲེ་བོ་ཆེར་བྲེའུ་ཆུང་མང་པོ་འདུས་པ་བཞིན་ནོ། །སྒྲ་བཤད་ནི། བརྗོད་བྱ་དོན་གྱི་སྡེའམ་ཚོགས་སམ་རིགས་མང་པོ་འདུས་པའི་ཕྱིར་སྡེ་སྣོད་ཅེས་བྱ། ཡང་ན་ཤེས་བྱའི་དོན་ཐམས་ཅད་བརྗོད་བྱར་བསྡུས་པས་སྡེ་སྣོད་ཅེས་བྱ་སྟེ། འབྲུ་ལ་སོགས་པའི་སྣོད་ཡིན་ནོ། །ཐུའུ་བཀྭན་གྲུབ་མཐའ་དང༌། བུ་སྟོན་ཐམས་ཅད་མཁྱེན་པ་དང༌། འཇམ་མགོན་ཀོང་སྤྲུལ་སོགས་ཀྱིས་ཀྱང་དེ་ལྟར་གསུངས།