12602

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡེབ་སྦྱོར
Tibetan Definition (བརྡ་སྤྲོད) 1 སུམ་ཅུ་པར། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །ཞེས་པའི་སྡེབ་སྦྱོར་ནི། རིག་གནས་ཆུང་བ་ལྔའི་ཡ་གྱལ་གྱི་སྡེབ་སྦྱོར་ཁོ་ན་མིན་པར། ཡི་གེའི་སྦྱོར་བ་ལ་གཙོ་བོར་གོ་དགོས་པར་གསུངས། བྲ་སྟི་སུམ་འགྲེལ་ལས། འདིར་སྡེབ་སྦྱོར་ནི་རིག་གནས་ཆུང་བ་ལྔའི་ཡ་གྱལ་གྱི་སྡེབ་སྦྱོར་ཁོ་ན་མ་ཡིན་གྱི། ཡི་གེའི་སྦྱོར་བ་ཡིན་ལ། དེ་ཡང་ཡི་གེ་ཕན་ཚུན་རྣམ་དབྱེ་ཚིག་ཕྲད་རྐྱེན་ལ་སོགས་པའི་དབང་གིས་བསྒྱུར་བ་དང་། དབྱེ་བའི་རྣམ་འགྱུར་གྱི་སྒོ་ནས་སྡེབ་ཅིང་སྦྱོར་བས་སྡེབ་སྦྱོར་ཏེ། སྒྲ་རིག་པ་གཙོ་བོ་དང་། དེའི་ཤུགས་ཀྱིས་ཚིག་རྒྱན་གྱི་སྦྱོར་བ་སྙན་དངགས་ཀྱི་རིག་གནས་དང་། ལྕི་ཡང་སོགས་ཀྱི་སྦྱོར་བ་སྡེབ་སྦྱོར་གྱི་རིག་གནས་ཀྱང་བསྡུ་བས། དེ་དག་མཛད་པའི་མཁས་པ་རྣམས་དང་། ཞེས་སོགས་གསུངས། 2 རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག ཞིབ་པར་གཞན་ལས་ཤེས་པར་བྱའོ། །