12609

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོང་པོ་བཀོད་པའི་མདོ
Tibetan Definition མདོ་ཕལ་ཆེན་ལ་༼ ཀ ༽༼ ཁ ༽༼ ག ༽༼ ཨ ༽དང་བཅས་གླེགས་བམ་བཞི་དང་། ༡ དེ་བཞིན་གཤེགས་པ་ཕལ་པོ་ཆེའི་ལེའུ། ༢ རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་ལེའུ། ༣ ས་བཅུ་བསྟན་པའི་ལེའུ། ༤ ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལེའུ། ༥ དེ་བཞིན་གཤེགས་པའི་སྐྱེ་བ་དང་འབྱུང་བ་བསྟན་པའི་ལེའུ། ༦ འཇིག་རྟེན་ལས་འདས་པའི་ལེའུ། ༧ སྡོང་པོས་བརྒྱན་པའི་ལེའུ་སྟེ་བདུན་ཡོད་པ་ལས། ཕྱི་ལ་འདི་ཡིན་པར་སེམས་ལ། དེ་ནི་གླེགས་བམ་༼ ག་པའི ༽༢༧༤བ༦ནས། ༼ ཨ་པའི ༽མཇུག་མ་རྫོགས་ཀྱི་བར་དུ་བཞུགས་སོ། །ཇོ་བོའི་ལམ་སྒྲོན་རང་འགྲེལ་ལས། ཀུན་བཟང་སྤྱོད་ཅེས་བྱ་བ་ནི་འཕགས་པ་སྡོང་པོ་བཀོད་པ་ལས་འབྱུང་བའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཡིན་ཏེ། ཞེས་གསུངས་པའི་བཟང་སྤྱོད་སྨོན་ལམ་ཡང་། མདོ་༼ ཨ་པའི ༽༣༥༨རྒྱབ་གཟིགས་ན་བཞུགས་སོ། །