12615

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ
Tibetan Definition 1 (འདུལ་བ) མི་བརྗེད་པའི་ཕྱིར་ཚིག་ཚོགས་བསྐྱུངས་ཏེ་ཉུང་ངུར་ཚིགས་བཅད་དུ་བསྡེབས་པ་ལ། སྡོམ་ཟེར། ཡང་ན། འོག་གི་དོན་ཚན་རེ་རེའི་ཚིག་ཟུར་བླངས་ནས་བསྡུས་པ་ལ། སྡོམ་ཟེར། སྒྲ་བཤད་ནི། ཚིག་སྣ་ཕྱུང་ནས་བླངས་པས་ན་སྡོམ་ཟེར་བ་དང་། ཡང་ན། རྒྱས་པ་ལས་བཏུས་ཏེ་སྦྱིན་པས་ན་སྡོམ་ཟེར་བ་གཉིས་སོ། །དེ་ཡང་བུ་སྟོན་རིན་པོ་ཆེའི་ལས་བརྒྱ་རྩ་གཅིག་གི་རྣམ་པར་བཤད་པ་ཆོ་གའི་གསལ་བྱེད་༢བ༡ལས། རབ་ཏུ་དབྱུང་བའི་སྐབས་ཀྱི་དོན་ཚན་ཐ་དད་པ་རྣམས་བདེ་བླག་ཏུ་རྟོགས་ཤིང་མི་བརྗེད་པར་བྱ་བའི་ཕྱིར་སྡོམ་དུ་བྱས་པ། འོག་གི་དོན་ཚན་རེ་རེའི་ཚིག་ཟུར་བླངས་ནས་བསྡུས་པ་སྟེ། སྡོམ་གྱི་སྐད་དོད་ཨུད་དཱ་ན་ཞེས་པའི་ཨུ་ད་དྷི་ཏ་ཕྱུང་བ། ཨ་དཱ་ན་བླངས་པ་སྟེ། འོག་གི་དོན་ཚན་རེ་རེའི་ཚིག་གི་སྣ་ཕྱུང་སྟེ་བླངས་པས་ན། སྡོམ། ཡང་། ཨུཙྪ་ཡ་བཏུས་པ། དཱ་ན་སྦྱིན་པ་སྟེ། དོན་རྒྱས་པ་ལས་བཏུས་ཏེ་གདུལ་བྱ་ལ་སྦྱིན་པས་ན། སྡོམ། ཞེས་གསུངས་སོ། །དཔེར་ན་འདུལ་སྡོམ་ཞེས་པ་ལྟ་བུ།