12622

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པ་དང་སྡོམ་མིན་བར་མ་གསུམ
Tibetan Definition (འདུལ་བ) གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་ཞིང་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པ། གནོད་པ་གཞི་དང་བཅས་པ་ལ་རྒྱུན་དུ་ཞུགས་པ་ནི་སྡོམ་པ་མིན་པ་དང༌། གནོད་པའམ་གནོད་པའི་གཞི་དག་ཕྱོགས་རེ་སྤོང་བའམ་ཕྱོགས་རེ་ལ་འཇུག་ན་སྡོམ་པ་དང་སྡོམ་མིན་གཉིས་ལས་གཞན་པའི་བར་མ་ཡིན་ནོ། །མཆིམས་མཛོད་ལས་གསུངས་པ་ལྟར་བཀོད། (བར་མ་ལ་དགེ་མི་དགེ་གཉིས་ཀའི་ཆ་ཡོད་པར་སེམས)