12624

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་བརྩོན
Tibetan Definition (འདུལ་བ) 1 རབ་བྱུང༌། རབ་བྱུང་དམ་པ་ལ་སྡོམ་བརྩོན་དམ་པ་ཞེས་པ་ལྟ་བུ། ལུང་རྣམ་འབྱེད་ལས། དེ་བཞིན་འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །ཞེས་དང་། དེའི་ཐད་ཀྱི་རྣམ་འབྱེད་འགྲེལ་༼ ཚུ ༽༤ན༤ལས། དེ་བཞིན་དུ་འདུལ་བ་ལ་བརྟེན་ཏེ་སྡོམ་བརྩོན་དགེ་སློང་དང་དགེ་ཚུལ་ལ་སོགས་པ་རབ་ཏུ་བྱུང་བ་རྣམས་ཀྱང་གསར་པར་འགྱུར་ཏེ། ཞེས་གསུངས་པ་ལྟར་རོ། །2 སྡོམ་པ། 3 སྡོམ་པ་དང་བརྩོན་འགྲུས་ཀྱི་བསྡུས་ཚིག 4 བག་ཡོད། སྤྱོད་འཇུག་ལས། སྤྱོད་པ་འདི་འདྲས་གནས་བྱེད་ན། །སྐྱེ་བོ་ངན་པའི་ཁྲོད་གནས་སམ། །བུད་མེད་ཁྲོད་ན་གནས་ཀྱང་རུང༌། །སྡོམ་བརྩོན་བརྟན་པ་ཉམས་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །