12628

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་མིན
Tibetan Definition (འདུལ་བ) སྡོམ་མིན་ཞེས་པ་སྡོམ་པ་མིན་པ་ཙམ་ལ་མི་ཟེར་གྱི། སྡོམ་པའི་མི་མཐུན་ཕྱོགས་མི་དགེ་བའི་གཞི་ལ་རྒྱུན་ལྡན་དུ་ཞུགས་པའི་འཆལ་བའི་ཚུལ་ཁྲིམས་ཤིག་ལ་ཟེར། སྡོམ་མིན་གང་ལ་ལྡན་ཞེ་ན། ཤན་པ་དང༌། བཙོན་སྲུང༌། ཆོམས་རྐུན། རྔོན་པ་སོགས་ལ་ལྡན་ནོ། །དེའི་དབྱེ་བ་རྒྱས་པ་མཆིམས་མཛོད་༣༧༢ལ་གཟིགས། མིང་གི་རྣམ་གྲངས་ནི། སྡོམ་མིན། ཉེས་སྤྱད། འཆལ་བའི་ཚུལ་ཁྲིམས་བཅས་སོ། །རྗེའི་ལམ་རིམ་ཆེན་མོ་ལས་ཀྱང་། ལུག་གསོད་པའམ་བྱ་པའམ་ཕག་འཚོང་ལ་སོགས་པའི་སྡོམ་མིན་ཅན་རྣམས་ཀྱི་བར་སྲིད་ན་སྐྱེ་གནས་སུ་ལུག་ལ་སོགས་པ་དེ་དག་རྨི་ལམ་བཞིན་དུ་མཐོང་ནས་སྔོན་གོམས་པའི་དགའ་བས་དེར་བརྒྱུག་གོ། ཞེས་གསུངས་སོ། །འདི་ལ་གྲུབ་མཐའ་གོང་འོག་གི་འདོད་ཚུལ་སོགས་ད་དུང་ཡང་དཔྱད་དགོས་པ་ཡོད་དོ། །མཆིམས་མཛོད་ལ་གཞི་བྱས།