1264

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུངས་རྒྱལ་ནས་གསུངས་པའི་འཁོར་ལོ་གསུམ
Tibetan Definition (ཕར་ཕྱིན) ནོར་བུ་མཁན་མཁས་པས་ནོར་བུ་སྦྱོང་ཚུལ་དང་མཐུན་པར་གདུལ་བྱ་རྒྱུད་གཅིག་ཉིད་ལ་འཁོར་ལོ་དང་པོས། དང་པོར་བདེན་བཞིའི་གནས་ཚུལ་བསྟན་པའི་སྒོ་ནས་གདུལ་བྱ་རྣམས་འཁོར་བ་ལ་སྐྱོ་ཤས་བསྐྱེད་དེ། བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཉམས་སུ་ལེན་པ་ལ་བཀོད། འཁོར་ལོ་བར་པས། ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་རྟོགས་པ་ལ་བཀོད། འཁོར་ལོ་ཐ་མས། ཐབས་ཀྱི་ཆ་རྒྱ་ཆེན་པོས་ཟིན་པའི་སྟོང་ཉིད་རྟོགས་པའི་ལམ་ལ་བཀོད་པར་མཛད། ཞུགས་པར་གྱུར་ནས་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་པ་ན་བླ་ན་མེད་པའི་ཡོན་གནས་ཆེན་པོ་ཞེས་བརྗོད་པ་ཡིན་པའི་ཕྱིར། ནོར་བུ་མཁན་གྱིས་ནོར་བུ་སྦྱོང་ཚུལ་ནི། དང་པོར་ནོར་བུ་རིན་པོ་ཆེའི་རིགས་རྒྱ་མཚོ་ཆེན་པོའི་འཇིམ་རྡུལ་ལ་སོགས་པས་ཡོངས་སུ་མ་དག་པའི་གོང་བུ་བླངས་ཏེ། ལན་ཚྭའི་ཁུ་བ་སྟེ་རྒྱ་མཚོའི་ཆུ་ལ་སྦངས་ཏེ་སྐྲའི་རེ་བས་ཡོངས་སུ་སྦྱོང་བར་བྱེད། དེ་ཙམ་གྱིས་བརྩོན་པ་མི་འདོར་བར། དེའི་འོག་ཏུ་ཟས་རྣོན་པོ་སྟེ་ཉ་ཁུ་ལ་སྦངས་ནས་བལ་གྱི་ལ་བ་སྟེ་སྣམ་བུ་སྲབ་མོས་ཡོངས་སུ་སྦྱོང་བར་བྱེད། དེ་ཙམ་གྱིས་བརྩོན་པ་མི་འདོར་བར། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་སྟེ་དངུལ་ཆུ་ལ་སྦངས་ཏེ་རས་སྲབ་མོས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ན་བཻཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་པ་ཡིན་ནོ། །