1267

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟེ་མ་རྭ་མགོ
Tibetan Definition 2 རྔོག་ལོས་མཛད་པའི་བོད་དུ་སྔགས་ལོག་སུན་འབྱིན་པའི་བསྟན་བཅོས་ཤིག འདི་ལ་ལེགས་བཤད་གཟེ་མ་རྭ་མགོ་ཡང་ཟེར། མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་༡༣༨བ༦ལས། རྗེ་བཙུན་གོང་མ་རང་ཚོ་བཞུགས་པའི་དུས་ཉིད་ན། བོད་ན་མཁས་པར་ཡོངས་སུ་གྲགས་པ་འགོས་རྔོག་གཉིས་ཀྱི་ཡ་གྱལ། རྔོག་གིས་མཛད་པའི་བསྟན་བཅོས་གཟེ་མ་ར་མགོར་གྲགས་པ་ལས། མ་མོའི་རྒྱུད་ལུང་དཀྲུགས་པ་ལས། །ག་ཡ་དྷ་རའི་གསེར་ཆོས་བྱུང་། །ཞེས་ལམ་འབྲས་རྡོ་རྗེའི་ཚིག་རྐང་རང་ལ་སྐུར་བ་འདེབས་པའི་དགག་པ་བྱས་གདའ། ཞེས་གསུངས། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གྲུབ་མཐར་ཡང་ཟུར་ཙམ་གསལ།