12677

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་བར་བསྒྱུར་ཏེ
Tibetan Definition གཟུགས་སུ་བསྒྱུར་ཏེ་ཞེས་པའི་དོན། འདི་འདུལ་བ་ལུང་གཞིའི་ཚིག་ཅིག་ཡིན། དེ་ཉིད་ལས། གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པས་གཟིགས་པ་ལྡ་པོ་དག་ལ་གཟིགས་ནས་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་དག་ལ་ལན་གསུམ་བསྒོ་བ་མཛད་དེ། གླང་པོ་ཆེ་ལྟར་སྣང་བར་བསྒྱུར་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ན་ས་ཆེན་པོ་ཤིན་ཏུ་གཡོས་པར་གྱུར་ཅིང་། ཞེས་གསུངས། དེའི་ཐད་ཀྱི་འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། གླང་པོ་ཆེ་ལྟར་སྣང་བར་བསྒྱུར་ཏེ་ཞེས་བྱ་བ་ནི་རྨི་ལམ་དུ་དགེ་བའི་མཚན་མ་བསྟན་པའི་ཕྱིར་བདག་ཉིད་གླང་པོ་ཆེ་མཆེ་བ་དྲུག་པར་བསྟན་པར་གྱུར་ཏེ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་སོ། །