From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྣང་སེལ
|
Tibetan Definition
|
1 འཆི་བ་མི་རྟག་པ་བསྒོམ་པ་ལ་ཟེར། དེ་ནི་ཚེ་འདི་སྣང་གི་བློ་སེལ་བྱེད་ཡིན་ཏེ། པོ་ཏོ་བའི་གསུང་རྗེའི་ལམ་རིམ་དུ་དྲངས་པ་ལས། པོ་ཏོ་བའི་ཞལ་ནས། ངེད་ཀྱི་སྣང་སེལ་མི་རྟག་པ་བསྒོམ་པ་འདི་རང་ཡིན་ཏེ། ཉེ་འབྲེལ་དང་ཡོ་བྱད་ལ་སོགས་པ་ཚེ་འདིའི་སྣང་བ་ཀུན་བསལ་ནས་རང་གཅིག་པུ་གཉིས་སུ་མེད་པར་ཚེ་ཕ་རོལ་ཏུ་ཕྱད་ཀྱིས་འགྲོ་བར་ཤེས་ནས་ཆོས་མིན་པ་ཅིས་ཀྱང་བྱར་མེད་སྙམ་ནས་ཚེ་འདི་ལ་མ་ཆགས་པ་ཞིག་གདོད་འོང༌། འདི་བློ་ལ་མ་སྐྱེས་ཀྱི་བར་དུ་ཆོས་ཐམས་ཅད་ཀྱི་ལམ་འགགས་ནས་འདུག་པ་ཡིན་གསུང༌། རྗེ་གུང་ཐང་པས་ཀྱང༌། དོན་དེ་ཕྱིར་མི་རྟག་སེམས་པ་འདི། །དུས་ཐོག་མ་བར་དང་ཐ་མ་རུ། །བློ་ཆོས་ལ་བསྐུལ་བར་བྱེད་པ་ཡི། །ལམ་དབུ་མ་སྣང་སེལ་ཆེན་པོརགསུངས།། ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཚེ་འདིའི་སྣང་བ་ཤས་ཆེན་པོ་འདི་སེལ་བྱེད་ཡིན་པས་སྣང་སེལ་ཞེས་བཏགས་པ་ཡིན།
|