12716

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤགས་པ་སློང་བའི་སྤང་ལྟུང
Tibetan Definition (འདུལ་བ) སྤང་ལྟུང་སུམ་ཅུའི་བརྒྱད་པ། སྤགས་པ་སློང་བའི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་ལ་ཁྱིམ་པས་གོས་སྦྱིན་པར་བསམས་པས་སྤགས་པ་ལ་དེ་ལས་ལྷག་པའི་གོས་བསླངས་ཏེ་ལྷག་པ་དེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གོ་བདེ་བར་བཤད་ན། གཞན་གྱིས་རང་ལ་སྦྱིན་རྒྱུར་སེམས་ཐག་བཅད་པ་དེ་ལ་ལྷག་པར་བསླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་ཉེ་དགའ་ལ་ཁྱིམ་བདག་གིས་གོས་འབུལ་བར་བསམས་པས་སྤགས་པ་ལས་གང་བྱིན་པ་དེས་མི་མགུ་པར་ལྷག་པ་བསླངས་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་པའོ། །དགག་བྱ་ནི་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེས་པའོ། །སྒྲ་བཤད་ནི། སྤགས་པ་ནི་བསྔོས་པའི་དོན་ཡིན་ལ། སྦྱིན་བདག་གིས་རང་ལ་གང་བསྔོས་པའམ་སེམས་ཐག་བཅད་པ་དེ་ལས་ལྷག་པར་སློང་བའི་སྤང་ལྟུང་ཡིན་པས་ན་དེ་སྐད་ཅེས་བྱའོ། །