12732

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤུ་གྲི
Tibetan Definition 1 (འདུལ་བ) སྐྲ་གྲིའི་མིང་། སྤུ་གྲི་ཞེས་པ་ནི་འདུལ་བའི་བརྡ་ཆད་ཅིག་སྟེ། དགེ་སློང་གི་རྣམས་ཀྱི་སྐྲ་འབྲེག་བྱེད་ཀྱི་གྲི་ལ་སྤུ་གྲི་ཟེར། སྒྲ་བཤད་ནི། སྤུ་སྟེ་སྐྲ་འབྲེག་བྱེད་ཀྱི་གྲི་ཡིན་པས་ན་དེ་སྐད་ཅེས་བྱའོ། །ལུང་ཞུ་བ་༼ པ་པ ༽༢༧༣བ༤ལས། སྤུ་གྲིའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྐྲ་བྲེག་པའི་ཕྱིར་སྤུ་གྲི་རྗེས་སུ་གནང་བ་དེ་ནི་སྤུ་གྲིའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །སྤུ་གྲི་ཞེས་པའི་ཐ་སྙད་འདི་ཐོག་མར་འདུལ་བའི་བརྡ་ཆད་ཅིག་ཡིན་ནའང་། ཕྱིས་སུ་ཉམས་ནས་དཔའ་དམ་མམ་སྐེད་གྲི་རིང་པོ་དེ་དག་གི་མིང་དུ་གྲགས་སོ།།