12752

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤུན
Tibetan Definition 2 ཐགས་ཀྱི་འཕྲེད་དུ་གཏོང་རྒྱུའི་སྐུད་པའི་མིང་། ཚོམས་ཀྱི་འགྲེལ་པ་༼ ཏུ ༽༦༩བ༡ལས། ཐགས་ནི་སྣལ་མའི་ཚོགས་ཏེ་སྣལ་མར་སྦྲེངས་ཤིང་རིང་པོར་བྱས་པའོ། །བརྐྱང་བ་ནི་སྦྲེངས་ཤིང་རིང་དུ་དྲངས་པའོ། །སྤུན་ནི་གང་དང་གང་ཞེས་བྱ་བ་ལ། གང་དེ་དང་འབྱོར་བའི་སྐུད་པ་གཟུང་བའི་ཕྱིར་ཟློས་པ་སྟེ། སྐུད་པ་གང་དང་གང་གིས་འཕྲེད་དུ་གཞུག་པའི་སྐུད་པས་ཞེས་བྱ་བའི་དོན་ཏོ། །འདིས་སྤུན་དུ་བྱ་བ་ཡིན་པས་ན་སྤུན་ནོ། །ཞེས་གསུངས། སྒྲ་བཤད་ནི། ཐགས་སྐུད་དང་མཉམ་དུ་ཚོགས་པའམ་འབྱོར་བའམ་མཐུན་པར་བྱེད་པས་ན་སྤུན་ཞེས་མིང་བཏགས་པར་སེམས་སོ། །