12765

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤོ
Tibetan Definition (བྱེད་འབྲེལ་ལས་ཚིག་ད་ལྟ་བ) 1 རྗེ་བ། འགྱུར་བ། གནས་གཞན་དུ་སྤོ་ཞེས་པ་ལྟ་བུ། 2 སྟེང་། རྩེ་མོ། མཐོན་པོ། དཔེར་ན་རི་བོའི་སྤོ་ཞེས་པ་ལྟ་བུ། 3 སྟེང་དང་སྤོ་གཉིས་དོན་གཅིག བདག་ཅག་གི་སྟོན་པ་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་པ་ལྟ་བུ། དོགས་གཅོད། དེ་གཉིས་དོན་གཅིག་ཀྱང་ཚིག་གིས་བེད་སྤྱོད་བྱེད་ཚུལ་མི་འདྲ་སྟེ། དཔེར་ན་ཤེས་བྱ། ཡོད་པ། གཞལ་བྱ། གཞི་གྲུབ། ཆོས་རྣམས་དོན་གཅིག་ཡིན་ཀྱང་། བློའི་ཡུལ་ཞེས་པ་ལས། བློའི་གཞི་གྲུབ། བློའི་ཡོད་པ་སོགས་མི་ཟེར་བ་བཞིན་ནོ། །སྤྱིར་བཏང་རི་བོའི་སྤོ་དང་། སའི་སྟེང་ཟེར་བ་ལས་ལྡོག་ནས་སྨྲས་ན་མི་མཛེས་ལ། འོན་ཀྱང་རྡོ་རྗེ་གདན་གྱི་སྤོ་ཞེས་པ་ལྟ་བུ་རེ་རེ་ཙམ་ནི་འབྱུང་ངོ་། །ཚོམས་ལས་ཀྱང་། བརྟན་རྣམས་རི་བོའི་སྤོ་དག་ལས། །ས་སྟེང་བྱིས་པ་རྣམས་ལ་བལྟ། །ཞེས་གསུངས་སོ། །4 རུས་ཀྱི་མིང་ཞིག་ཏུ་བཤད།