12788

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱད་པ་རྣམ་སྤྱོང་གི་ཏིང་ངེ་འཛིན
Tibetan Definition མི་སྡུག་པ་དང་བྱམས་པ་དང་རྟེན་འབྲེལ་དང་ཁམས་ཀྱི་རབ་དབྱེ་དང་དབུགས་འབྱུང་རྔུབ་ལ་སོགས་པ་སྒོམ་པའི་ཏིང་ངེ་འཛིན། སྒྲ་བཤད་ནི། འདོད་ཆགས་སོགས་ལ་ཤས་ཆེར་སྤྱད་པ་དེ་རྣམ་པར་སྦྱོང་བའི་ཏིང་ངེ་འཛིན་ཡིན་པས་དེ་སྐད་ཅེས་བཏགས་སོ། །སྤྱོད་པ་རྣམ་སྦྱོང་གི་ཏིང་ངེ་འཛིན་ཀྱང་འཐད་དེ། ཕུང་པོ་ལྔའི་རབ་བྱེད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །འདི་སྐད་དུ། སེམས་ཅན་རྣམས་ཀྱི་སྤྱོད་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང་ང་རྒྱལ་སོགས་པ་སྤྱོད་པ་ཐ་དད་པ་བརྒྱད་ཁྲི་ཡོད་དེ། དེ་དག་གི་གཉེན་པོར་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་གསུངས་སོ་ཞེས་བརྗོད་དོ། །ཞེས་གསུངས།