12802

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག
Tibetan Definition ཐོན་མི་སཾ་བྷོ་ཊ་དང༌། དེའི་ཕྱག་རོག་དྷརྨ་ཀོ་ཥ་དང༌། ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་བསྒྱུར་བའི་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་ནི། བཀའ་ཆེམས་ཀྱི་ལོ་རྒྱུས་ཆེན་མོ་ལས། ༡ མདོ་སྡེ་ཟ་མ་ཏོག་བཀོད་པ། ༢ ཕྱག་སྟོང་སྤྱན་སྟོང་གི་གཟུངས། ༣ པདྨ་སྙིང་པོའི་མདོ། ༤ ཞལ་བཅུ་གཅིག་པའི་མདོ། ༥ བཅུ་གཅིག་ཞལ་གྱི་གཟུངས། ༦ དོན་ཡོད་ཞགས་པ། ༧ དོན་ཡོད་ཞགས་པ་ཕྱི་མ། ༨ པད་མ་མཆོག ༩ དབང་བསྒྱུར་འཁོར་ལོ། ༡༠ ཆོ་ག་སྔགས་ཀྱི་རྒྱུད། ༡༡ ཡིད་བཞིན་ནོར་བུའི་གཟུངས། ༡༢ སྙིང་རྗེ་ཆེན་པོ་མི་གཤོལ་པ། ༡༣ འོད་ཟེར་རྣམ་བཀོད། ༡༤ པདྨ་ཅོད་པན་གྱི་རྒྱུད། ༡༥ ཡི་གེ་དྲུག་པའི་མདོ། ༡༦ དམ་པའི་ཆོས་པད་མ་དཀར་པོའི་མདོ། ༡༧ པུཎྚ་རི་ཀའི་མདོ། ༡༨ ཆུ་ཀླུང་སྣ་ཚོགས་པའི་མདོ། ༡༩ སྣང་བ་རོལ་པའི་མདོ། ༢༠ མཚན་བརྒྱ་རྩ་བརྒྱད་པ། ༢༡ མཚན་རབ་ཡོངས་སུ་བསྟན་པའི་མདོ་སྟེ་ཉེར་གཅིག་གོ། འདི་ལས་འོད་ཟེར་རྣམ་བཀོད། ཆུ་ཀླུང་སྣ་ཚོགས་པའི་མདོ། སྣང་བ་རོལ་པའི་མདོ། མཚན་རབ་ཡོངས་སུ་བསྟན་པའི་མདོ་རྣམས་དེང་སང་གི་བཀའ་འགྱུར་ན་མི་སྣང་ལ། གཞན་དོན་ཞགས་ཆོ་ག་ཞིབ་མོ་ལ་ཆོ་ག་སྔགས་ཀྱི་རྒྱུད་ཅེས་པ་ལྟ་བུ་འགྱུར་ཁྱད་མ་གཏོགས་དེང་སང་བཞུགས་ལ། མདོ་རྒྱུད་ཉེར་གཅིག་པོ་འདི་སྤྱན་རས་གཟིགས་ཀྱི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་ཁོ་ན་ཡིན་ནོ། །ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་༡༨༢ན་གསལ། གོང་གི་དེ་ནི་རྒྱལ་པོ་བཀའ་ཆེམས་ཀྱི་ལོ་རྒྱུས་ཆེན་མོ་ལས་བྱུང་བ་དཔའ་བོ་གཙུག་ལག་འཕྲེང་བས་རང་གི་ཆོས་འབྱུང་དུ་དྲངས་པར་མཁས་དབང་ཚེ་ཏན་ཞབས་དྲུང་གི་སུམ་རྟགས་འགྲེལ་པ་༣༨ན་གསལ་ལོ། །