12803

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱན་རས་གཟིགས་ཀྱི་རྒྱུད་ཀྱི་སྐོར
Tibetan Definition (གསང་སྔགས) རྩ་བའི་རྒྱུད་པདྨའི་དྲ་བ། ཀྱུ་ར་ཚུལ་ཁྲིམས་འོད་ཟེར་གྱི་འགྱུར། བཤད་པའི་རྒྱུད་དོན་ཡོད་ཞག་པའི་རྟོག་པ་ཆེན་པོ། བསྒྱུར་འཕྲོ་བམ་པོ་ཉི་ཤུ་རྩ་དྲུག་པ། དོན་ཡོད་ཞགས་པའི་སྙིང་པོ་ཤོ་ལོ་ཀ་བརྒྱ་སུམ་ཅུ་པ། བ་རི་རིན་ཆེན་གྲགས་ཀྱི་འགྱུར། དོན་ཡོད་ཞགས་པའི་སྙིང་པོའི་གཟུངས། དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་གཟུངས། བློ་ལྡན་ཤེས་རབ་ཀྱི་འགྱུར། དོན་ཡོད་ཞགས་པའི་ས་བཅུ་པའི་གཟུངས། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཐོགས་པ་མི་མངའ་བའི་གཟུངས། སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྙིང་པོའི་ཤོ་ལོ་ཀ་ཉིས་བརྒྱ་བཞི་བཅུ་པ་སྟེ། ཆོས་གྲུབ་ཀྱིས་རྒྱ་ལས་བསྒྱུར་བ། སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་གཟུངས་ཤོ་ལོ་ཀ་ལྔ་རྩ་བཞི། ཞལ་བཅུ་གཅིག་པའི་རིགས་སྔགས་ཀྱི་སྙིང་པོ། ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། པདྨོ་ཅོད་པན་གྱི་རྒྱུད། འགར་ཆོས་བཟང་གི་འགྱུར། འཇིག་རྟེན་དབང་ཕྱུག་གི་རྟོག་པ། བ་རིའི་འགྱུར། ཡི་གེ་དྲུག་པའི་རིགས་སྔགས་ཤོ་ལོ་ཀ་བཅུ་དགུ། སྤྱན་རས་གཟིགས་ཀུན་ཏུ་བཟང་པོའི་གཟུངས་ཤོ་ལོ་ཀ་ལྔ་བཅུ་རྩ་ཕྱེད་དང་གསུམ། ཡེ་ཤེས་སྡེའི་འགྱུར། ནཱི་ལ་ཀཎྛའི་གཟུངས་ཤོ་ལོ་ཀ་བཞི་བཅུ། ཧ་ཡ་གྲཾ་པའི་གཟུངས་ཤོ་ལོ་ཀ་གསུམ་ཅུ། མེ་ཁ་ལའི་གཟུངས་ཤོ་ལོ་ཀ་ཉིས་བརྒྱ་ཉི་ཤུ་རྩ་ལྔ། སྤྱན་རས་གཟིགས་ཀྱི་ཡུམ་ཤོ་ལོ་ཀ་གསུམ་ཅུ་རྩ་དྲུག་པ། ཡེ་ཤེས་སྡེའི་འགྱུར། སྙིང་རྗེ་མི་བཤོལ་བའི་གཟུངས། སྤྱན་རས་གཟིགས་ཀྱི་གཟུངས། སྤྱན་རས་གཟིགས་ཀྱི་སྙིང་པོ། སེང་གེ་སྒྲའི་རྒྱུད། འགོས་ཀྱི་འགྱུར། སེང་གེ་སྒྲའི་གཟུངས། འགར་ཤེས་རབ་འབྱུང་གནས་ཀྱི་འགྱུར། སེང་གེ་སྒྲས་དམ་བཅས་པའི་གཟུངས། ཤེས་རབ་བརྩེགས་ཀྱི་འགྱུར་ཏེ་ཉེར་བཞིའོ། ། འདིར་སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་འཁོར་ལོས་བསྒྱུར་བའི་གཟུངས་ཤོ་ལོ་ཀ་བརྒྱ་རྩ་ལྔ། ཧ་ལ་ཧ་འི་རྟོག་པ། སྤྱན་རས་གཟིགས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ། སྤྱན་རས་གཟིགས་འཁོར་ལོ་དང་བཅས་པའི་གཟུངས་རྣམས་བཙལ་ལོ། །ཞེས་བུ་སྟོན་ཆོས་འབྱུང་ན་གསལ།