12806

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱན་ལྔ
Tibetan Definition (ཕར་ཕྱིན) ཤའི་སྤྱན། ལྷའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། སངས་རྒྱས་ཀྱི་སྤྱན་དང་ལྔའོ། །སོ་སོའི་མཚན་ཉིད་ལ། སྤྱན་ལྔའི་ནང་ཚན་གང་ཞིག རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཤའི་མིག་ལ་བརྟེན་ནས་དཔག་ཚད་བརྒྱའི་གཟུགས་ཕྲ་རགས་མངོན་སུམ་དུ་མཐོང་བའི་རིག་པ། ཤའི་སྤྱན་གྱི་མཚན་ཉིད། སྤྱན་ལྔའི་ནང་ཚན་གང་ཞིག རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ལྷའི་མིག་ལ་བརྟེན་ནས་སེམས་ཅན་གྱི་འཆི་འཕོ་བ་དང་སྐྱེ་བ་མངོན་གསུམ་མཐོང་བའི་རིག་པ། ལྷའི་སྤྱན་གྱི་མཚན་ཉིད། སྤྱན་ལྔའི་ནང་ཚན་གང་ཞིག རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་དམིགས་པ། ཤེས་རབ་ཀྱི་སྤྱན་གྱི་མཚན་ཉིད། སྤྱན་ལྔའི་ནང་ཚན་གང་ཞིག འཕགས་པའི་གང་ཟག་གི་དབང་པོ་རྣོ་རྟུལ་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་མཁྱེན་པ། ཆོས་ཀྱི་སྤྱན་གྱི་མཚན་ཉིད། སྤྱན་ལྔའི་ནང་ཚན་གང་ཞིག ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་མཐར་ཕྱིན་པའི་ཡེ་ཤེས། སངས་རྒྱས་ཀྱི་སྤྱན་གྱི་མཚན་ཉིད་དོ། །