12815

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་ཁྱབ་དང་སྒོས་ཁྱབ
Tibetan Definition ཤེས་བྱ་དང་ཡུལ་གཉིས་ལ་སྤྱི་ཁྱབ་གྲུབ། སྒོས་ཁྱབ་མ་གྲུབ་ཅེས་སྨྲ་དགོས་ཏེ། སྤྱིར་དེ་གཉིས་དོན་གཅིག་ཡིན་པས་སྤྱི་ཁྱབ་གྲུབ་ལ། སྒོས་སམ་བྱེ་བྲག་ལ་སྦྱར་ན་ཁྱབ་པ་མ་གྲུབ་པ་ནི། ཆོས་དེའི་ཡུལ་ཡིན་ན། ཆོས་དེའི་ཤེས་བྱ་ཡིན་མི་དགོས་པ། དཔེར་ན་བུམ་པ་ལྟ་བུ་རྗོད་བྱེད་ཀྱི་སྒྲ་ཡི་ཡུལ་ཡིན་ཀྱང༌། དེའི་ཤེས་བྱ་མ་ཡིན་པས། དེ་ལ་སྒོས་ཁྱབ་མ་གྲུབ་ཅེས་བྱའོ། །མཁས་གྲུབ་ཐམས་ཅད་མཁྱེན་པས། སྤྱི་ཁྱབ་ནམ་མཁའི་འཁོར་ལོ་དང༌། །སྒོས་ཁྱབ་རྩིག་པའི་བུ་ག་གཉིས། །མཚུངས་པར་རློམ་པའང་མཁས་ཡིན་ན། །འདི་ན་མི་མཁས་སུ་ཞིག་ཡིན། །ཞེས་གསུངས་པ་ལྟར་རོ། །