12818

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་དོན་གྱི་འོད་གསལ
Tibetan Definition (དགེ་ལུགས) ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་དང་ཐུན་མོང་བའི་ཡིད་ཤེས་རགས་པས་སྟོང་ཉིད་རྟོགས་པའི་ཡུལ་ཅན་གྱི་འོད་གསལ་ལ། སྤྱི་དོན་གྱི་འོད་གསལ་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་ལས། བདེ་བ་ཆེན་པོ་ལས་གཞན་པའི་ཡུལ་ཅན་གྱི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་འོད་གསལ་བསྟན་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་མདོ་སྡེ་ཀུན་དང༌། རྒྱུད་སྡེ་འོག་མ་རྣམས་ཀྱིས་ཀྱང་བསྟན་པ་ལ་དགོངས་སོ། །དེ་འདྲ་བའི་འོད་གསལ་ནི་སྤྱི་དོན་གྱི་འོད་གསལ་ཡིན་ལ། ཞེས་གསུངས་སོ། ། (བཀའ་བརྒྱུད) མདོ་སྔགས་ཐུན་མོང་བའི་འོད་གསལ།