12822

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་བུངས
Tibetan Definition (འདུལ་བ) 1 དགེ་འདུན་སྤྱིའི་གསོལ་སྟོན། དགེ་འདུན་སྤྱིའི་ཆེད་དུ་གཡོས་པའི་ཟས། འདུལ་བ་ལུང་གཞི་༼ ཀ་པ ༽ལས། ཁ་ཟས་བསོད་པའི་སྤྱི་བུངས་བཤམས་པ་མཐོང་ནས་དེ་དག་གིས་དེ་ལ་སྨྲས་པ། ཞེས་དང་། ཡང་འདུལ་བ་ལུང་གཞི་༼ ང་པ ༽ལས། ཉི་མ་རེ་རེ་ཞིང་འདུས་ཏེ་གདུགས་ཚོད་གསོལ་ན་བདག་ཅག་གི་ཞིང་བླས་ཀྱི་མཐའ་རྣམས་བར་ཆད་དུ་འགྱུར་བས་ཤེས་ལྡན་དག་གལ་ཏེ་འདོད་ན་རེ་མོས་རེ་མོས་གདུགས་ཚོད་གསོལ་བར་བྱའོ་ཞེས་དེ་རྣམས་ཀྱིས་རེ་མོས་རེ་མོས་སྤྱི་བུངས་ལས་སྟོན་མོ་བྱ་བར་བརྩམས་ཏེ། འབྱོར་པ་ཇི་ལྟ་བ་བཞིན་བདག་ཉིད་ཀྱི་ཡང་སྣོན་པར་བྱེད་དོ། །ཞེས་གསུངས། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། སྐོས་མ་ལ་ཞེས་བྱ་བ་ནི་སྤྱི་བུངས་ཀྱི་གནས་སམ་ཚང་མང་ངོ་། །ཞེས་གསུངས་པ་ལྟ་བུའོ། །མདོ་རྩ་བ་ལས་ཀྱང་། སྤྱི་བུངས་བཤམས་པ་ན་གཎྜི་བརྡུང་ངོ༌། །ཞེས་གསུངས་པ་ལྟར་རོ། །2 དགེ་འདུན་གྱི་སྤྱི་རྫས། བོད་རྒྱ་ཚིག་མཛོད་ཆེན་མོར་གསལ།