From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| སྤྱི་བོ
|
| Tibetan Definition
|
3 ཡི་གེའི་སྐྱེ་གནས་ཤིག་སྟེ། ལྕེ་རྩེའི་སྟེང་ཕྱོགས་ཀྱི་ཡ་རྐན་གྱི་མིང༌། དེ་ལ་སྤྱི་བོ་ཞེས་བརྗོད་པའི་རྒྱུ་མཚན་ནི། སྤྱིར་སྤྱི་བོའི་སྒྲ་རྩེ་མོ་དང་སྟེང་ལའང་འཇུག་པས་འདིར་སྟེང་ལ་འཇུག་པའི་དབང་དུ་བྱས་པའོ། །སི་ཏུ་འགྲེལ་ཆེན་ལས། ར་ཡིག་སྐྱེ་གནས་ལྕེ་རྩེ་དང་ཉེ་བའི་སྤྱི་བོ་སྟེ་ལྕེ་རྩེའི་སྟེང་ཕྱོགས། ཞེས་གསུངས་ཤིང༌། རོང་ཟོམ་པཎྜི་ཏས་ཀྱང༌། རི་ནི་སྤྱི་བོ་ལས་འབྱུང་བ་སྟེ། ལྕེའི་རྩེ་མོ་ཉེ་བ་དང་རྐན་དུ་སྦྱར་ན་སྤྱི་བོ་ལས་སྒྲ་འབྱུང་བ་ཡིན་ཏེ། དཔེར་ན་གླིང་བུའི་སྒྲ་སྤྱི་བོར་བུས་པ་དག་ཞབས་ནས་གྲག་པར་སྣང་བ་ལྟ་བུའོ། །ཞེས་གསུངས།
|