12826

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་བོ་བདེ་ཆེན་གྱི་འཁོར་ལོ
Tibetan Definition (དགེ་ལུགས) སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་པ་རྩེ་མོ་ཅུང་ཟད་ཐུར་དུ་ཕྱོགས་པ་གདུགས་ཁ་སྦུབས་པ་ལྟ་བུའོ། །དེ་ནི་སྤྱི་བོར་ཀླད་པའི་སྟེང་ཀླད་རྒྱའི་འོག་དབུ་མ་ལས་ཕྱོགས་བཞིར་རྩ་འདབ་བཞི། དེ་རེ་རེ་ལས་གཉིས་གཉིས་གྱེས་པས་བརྒྱད། དེ་རེ་རེ་ལས་གཉིས་གཉིས་གྱེས་པས་བཅུ་དྲུག དེ་རེ་རེ་ལས་གཉིས་གཉིས་གྱེས་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་སོ་གཉིས་པའོ། །སྒྲ་བཤད་ནི། བདེ་བའི་རྟེན་གཞི་བྱང་སེམས་སྤྱི་བོར་གནས་ཤིང་དབྱིབས་འཁོར་ལོ་དང་འདྲ་བས་དེ་སྐད་ཅེས་བྱའོ། །ཡང་ན་སྤང་བྱ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པའི་ཕྱིར་འཁོར་ལོ་ཞེས་བྱའོ། ། (བཀའ་བརྒྱུད) སྒྲ་བཤད་ནི། སྤྱི་བོར་གནས་ཤིང་བདེ་བ་ཆེན་པོའི་རྟེན་ཐིག་ལེ་དཀར་ཆ་བརྟེན་ལ་དབྱིབས་འཁོར་ལོ་འདྲ་བས་སམ། དེ་ལ་གནད་དུ་བསྣུན་པས་སྙོམས་འཇུག་གི་གནས་སྐབས་བདེ་བ་ཆེན་པོའི་སྐུའི་དགོངས་པ་འཆར་ཞིང༌། སྤང་བྱ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པས་འཁོར་ལོ་ཞེས་བྱའོ། །ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཟབ་མོ་ནང་དོན་གྱི་འགྲེལ་པར་གསལ།